Jump to content

Wikipedia:About

ཡོང་ཁུངས་Wikipedia
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

བོད་ཡིག་ཝེ་ཁེ་རིག་མཛོད། ལོ་ངོ་ 250 ཡི་ལོ་རྒྱུས་ལྡན་པའི་དབྱིན་ཇིའི་ཀུན་བཏུས་རིག་མཛོད། (Encylopedia)དེ་ 2012 ལོར་དཔར་མཚམས་བཞག་པ་རེད། རྒྱུ་མཚན་ནི་དྲ་རྒྱའི་རིག་གནས་ཏེ་ཝེ་ཁེ་རིག་མཛོད་(wikipedia)སྣ་འཛོམས་ཅན་དུ་འཕེལ་རྒྱས་འགྲོ་བཞིན་པ་དང་དེང་སྟབས་བདེ་བའི་ལྟ་ཆས་ལག་ཁྱེར་ཁ་པར་ཀུ་ཤུ་སོགས་ཐོན་པས། ཡིག་དཔར་མའི་ཀུན་བཏུས་རིག་མཛོད་ཀྱིས་ནང་དོན་མང་དང་། དུས་ངེས་མེད་བཤེར་འཚོལ། བཤེར་འཚོལ་སྟབས་བདེ་ཡིན་མིན་སོགས་གང་ཅིའི་ཐད་ནས་ཝེ་ཁེ་རིག་མཛོད་ལ་མ་དོ་བས་དཔར་མཚམས་བཞག་དགོས་བྱུང་བ་རེད།

ཚོགས་ཆུང་འཛུགས་པའི་དགོས་པ།

དུས་རབས་ཀྱི་འགྲོས་དང་བསྟུན་ནས། གོ་ལ་ཧྲིལ་པོ་ཆ་འཕྲིན་ཅན་ལ་ཁ་ཕྱོགས་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྐད་ཡིག་མང་པོ་ཞིག་གི་དཔར་བསྐྲུན་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། དེས་ན་བོད་ཡིག་ཀྱང་དེ་ལས་མ་འདས་ཤིང་། བོད་སྐད་ཡིག་ལ་དགའ་ཕྱོགས་ཡོད་པའི་དམངས་ཁྲོད་དང་བླངས་པས་ཝེ་ཁེ་བོད་ཡིག་རིག་མཛོད་བསྐྲུན་རྒྱུ་དེ་ནི། བོད་སྐད་ཡིག་གིས་དེང་རབས་ཀྱི་འཕེལ་རྒྱལ་ལ་འགྲན་ནུས་མིན་དང་མ་ཉམས་གོང་འཕེལ་ཡོང་ཐུབ་མིན་གྱི་ཐབས་ལམ་གཙོ་གྲས་ཤིག་རེད།

ཚོགས་ཆུང་གི་འགན་དབང་།

ད་ཡོད་ཀྱི་དེབ་ཐེར་དང་དཔེ་ཆ་ཡིག་རྙིང་། དེ་མིན་ཝེ་ཁེ་རིག་མཛོད་ཀྱི་སྐད་ཡིག་གཞན་སོགས་ལས། ལོ་རྒྱུས། ས་ཁམས། ནམ་ཟླ། ཡུལ་ལུང་དང་རྒྱལ་ཁབ། རིག་གནས། སྒྱུ་རྩལ། ལུས་རྩལ། མི་སྣ་སོགས་ཀྱི་ཡིག་ཆ་འཚོལ་སྡུད་བྱས་ནས་གློག་ཀླད་ནང་གཏགས་རྗེས་ཝེ་ཁེ་རིག་མཛོད་ནང་ཚིག་ཚན་བཟོ་སྒྲིག་བྱ་རྒྱུ་ཡིན།

ཚོགས་ཆུང་གི་དམིགས་ཡུལ།

  1. ༡ བོད་ཡིག་ཆ་འཕྲིན་སྣ་ཁ་འཛོམས་པ་ཞིག་ཏུ་བསྐྲུན་པར་ཞབས་འདེགས་ཞུ་རྒྱུ།
  2. ༢ ཚོགས་མི་རང་ངོས་ནས་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་གྱི་འགྲོ་ཕྱོགས་ལ་རྒྱུས་ལོན་དང་ངེས་ཤེས་རྙེད་རྒྱུ།
  3. ༣ འཛམ་གླིང་ཡུལ་གྲུ་ཀུན་གྱི་བོད་སྐད་ཡིག་དང་རིག་གནས་ལ་དགའ་ཞེན་ཡོད་མཁན་ཚོར་རིན་མེད་ཀྱིས་རྒྱུ་ཆ་མཁོ་འདོན་བྱ་རྒྱུ།

ཚོགས་ཆུང་གི་རྩ་དོན།

  1. ༡ ཆབ་སྲིད་དང་ཁྲིམས་ལུགས་ལ་ཕོག་ཐུག་གཏོང་མི་རུང་།
  2. ༣ རྩོམ་པ་པོ་བཅས་པའི་མི་སྒེར་གྱི་ཁེ་ཕན་ལ་བརྩི་སྲུང་གནང་བ།

ཚོགས་ཆུང་གི་སྒྲིག་གཞི།

File:བོད་ཡིག་ཝེ་ཁེ་རིག་མཛོད་ཆོགས་ཚུང་གི་སྒྲིག་གཞི།.JPG

ཚོགས་ཆུང་གི་བྱ་རིམ།

File:བོད་ཡིག་ཝེ་ཁེ་རིག་མཛོད་ཆོགས་ཚུང་གི་བྱ་རིམ།.JPG

ཚོགས་ཆུང་གི་བྱ་ཐབས།

  1. ༡ འཚོལ་སྡུད་དང་ཡིག་གཏགས་ནི་གཏན་འཁེལ་གྱི་དུས་ཚོད་ནང་ཚར་ན་འགྲིག ནང་དོན་ཐད་གོང་གསལ་གྱི་ནང་དོན་ཕུད་པའི་གཞན་དག་རང་འདོད་ཀྱིས་གདམ་ན་འགྲིག འོན་ཀྱང་ཁ་གྲངས་མང་ཉུང་ཚད་ལོན་པ་དགོས།
  2. ༢ ཚིག་ཚན་བཟོ་སྒྲིག་དེ་ལ་ཅུང་དཀའ་ཁག་ཡོད་རུང་། མཛུབ་སྟོན་བྱེད་མཁན་ཡོད་ཚེ་ཆུ་ཚོད་ཕྱེད་ཀའི་ནང་ཤེས་པས། ངེད་ཚོགས་ཆུང་ནས་སྦྱོང་བརྡར་སྤྲད་ཆོག

དེ་མིན་ཁ་གསབ།

  1. ༡ ཚོགས་རྟགས་གཏན་འཁེལ་བྱ་རྒྱུ་ཡིན།
  2. ༢ ཚོགས་མི་བསྡུ་བའི་དུས་ཚོད་ད་ལྟར་གཏན་འཁེལ་བྱས་མེད་ཀྱང་།人人དང微博སོགས་བརྒྱུད་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན།
"https://bo.wikipedia.org/w/index.php?title=Wikipedia:About&oldid=126248"ལས་སླར་རྙེད་སོང།